

༡༢༽ གཙང་སྦྲ།
Presentation
•
World Languages
•
2nd Grade
•
Practice Problem
•
Medium
Choki Dorji
Used 3+ times
FREE Resource
14 Slides • 17 Questions
1
By Choki Dorji
2
By Choki Dorji
3
By Choki Dorji
4
སྐྱ་འདི་ བདུན་ཕྲག་རེའི་བར་ན་ གླང་ལེབ། ཡང་ན། ཤེམ་པུ་བཏབ་སྟེ་ ཉུང་མཐའ་ལུ་ཚར་རེ་འཁྱུ། སྐམ་བཅུག་དགོ།
ཉིནམ་རེའི་ནང་ མགུ་ཤད་ཅིག་གིས་ཚར་༣ ལས་༤ ཚུན་རྐྱབ། ནམ་ར་འབད་རུང་ མགུ་ཏོ་མ་འཁྱུ་བའི་གོང་ལས་ མགུ་ཤད་ཚུ་ འཁྱུ། མགུ་ཏོ་ མ་འཁྱུ་བའི་ ཧེ་མ་ ཧུམ་བྱུགས་ཏེ་ མགུ་ཏོ་འཁྱུ། དེ་ལས་ བདུན་ཕྲག་རེའི་བར་ན་ མགུ་ཏོ་ མ་འཁྱུ་བའི་ ཆུ་ཚོད་༡ གི་ཧེ་མར ཧུམ་བྱུགས།
By Choki Dorji
སྐྱ།
5
སོ་འདི་ ་ཉིནམ་རེར་ ཚར་གཉིས་རེ་ སོ་བཀྲུ་རྐྱབ་དགོ། དེ་ལས་ ནམ་རང་འབད་རུང་ བཞེས་སྒོ་ བཟའ་ཚརཝ་ཅིག་ ཁ་ ཆུ་གིས་བཤལ་དགོ། ཕྱི་རུ་ མ་ཉལ་བའི་ཧེ་མར་ སོ་བཀྲུ་རྐྱབ་ནི་འདི་ ཁག་ཆེ་དྲགས་ཨིན། སོ་བཀྲུ་རྐྱབ་པའི་སྐབས་སུ་ སོའི་བར་ན་ བཞེས་སྒོ་གི་ རག་རོག་ཡོད་མི་ཚུ་ བཏོན་གཏང་ནི་གི་ དོན་ལུ་ཨིནམ་ ཤེས་དགོ།
By Choki Dorji
སོ།
6
སོའི་ལྟག་ལས་ཡོད་མི་ཚུ་མགུར་ སོ་བཀྲུ་ ཁ་ མར་ཁ་བལྟ་རྐྱབ་དགོཔ་དང་། སོ་ འོག་ལས་ ཡོད་མི་མགུར་ སོ་བཀྲུ་ ཁ་ ཡར་བལྟ་རྐྱབ་དགོ། སོ་བཀྲུ་རྐྱབ་ད་ལུ་ སོ་བཀྲུ་འདི་ སྐོར་ར་བསྒྱིར་ཏེ་རྐྱབ་དགོ། ལྕེ་དང་སོའི་ནང་ན་གི་ས་གོ་ཚུ་ཡང་ བདག་འཛིན་འབད་དགོ། སོ་བཀྲུ་ཡང་ ལེགས་ཤོམ་དགོ་པའི་ཁར་ ནམ་ར་འབད་རུང་སོ་བཀྲུ་འདི་ གཡོག་བཀོལ་ཚར་བའི་ཤུལ་ལུ་ ཆུ་གིས་བཤལ་ཞིནམ་ད་ སྐམ་བཅུག་དགོ།
By Choki Dorji
སོ།
7
དུས་རྒྱུན་ལུ་ བཞེས་སྒོ་མ་བཟའ་བའི་ཧེ་མ་དང་། བཟའ་ཚར་བའི་ཤུལ་ལུ་ལགཔ་ཚུ་ གླང་ལེབ་བཏབ་སྟེ་ ལེགས་ཤོམ་འབད་འཁྱུ་དགོཔ་ མ་ཚད། ཆབ་གསང་འབད་ཚར་བའི་ ཤུལ་ལུ་གླང་ལེབ་བཏབ་སྟེ་ །འཁྱུ་དགོ། གླང་ལེབ་བཏབ་ནི་དང་ ཆུ་བཤལ་རྐྱབ་པའི་སྐབས་སུ། མཛུབ་མོ་དང་སེན་མོ་གི་བར་ན། ལགཔ་གི་ རྒྱབ་ཚུ་ག་ར་ མ་ལུས་པར་ ལེགས་ཤོམ་འབད་འཁྱུ་དགོ།
By Choki Dorji
ལགཔ།
8
དེ་ལས་ ལགཔ་ཆུ་འཁྱུ་ཞིནམ་ལས་ ཨར་ཅོ་ལྟོ་རས་ གཙང་ཏོག་ཏོ་ཅིག་གིས་ ལེགས་ཤོམ་འབད་ འཕྱག་དགོ། ལགཔ་འཕྱག་ནི་གི་ ཨར་ཅོ་ལྟོ་རས་འདི་ ཉིན་རེ་བཞིན་དུ་ འཁྱུ་ཞིནམ་ད་ སོར་དགོ།དེ་ལས་ ལགཔ་ཆུ་འཁྱུ་ཞིནམ་ལས་ ཨར་ཅོ་ལྟོ་རས་ གཙང་ཏོག་ཏོ་ཅིག་གིས་ ལེགས་ཤོམ་འབད་ འཕྱག་དགོ། ལགཔ་འཕྱག་ནི་གི་ ཨར་ཅོ་ལྟོ་རས་འདི་ ཉིན་རེ་བཞིན་དུ་ འཁྱུ་ཞིནམ་ད་ སོར་དགོ།བཞེས་སྒོ་འབད་བའི་སྐབས་སུ། ལགཔ་ཚུ་ གཙང་ཏོག་ཏོ་འབད་ཡོད་པ་ཅིན།
By Choki Dorji
ལགཔ།
9
བཞེས་སྒོ་མེདཔ་ མ་གཏངམ་མ་ཚད། བཙོགཔ་ཞུགས་ནི་ཡང་ མར་ཕབ་ རྐྱབ་ཚུགསཔ་ཨིན། ནམ་ར་འབད་རུང་ བཞེས་སྒོ་འབདཝ་ད། གཟུགས་ཀྲེག་ནི། ཡང་ན། རྣམ་ཅོ་དང་། ལྷ་པ། ཁ། ཡང་ན།
གཟུགས་ཀྱི་ ཡན་ལག་ གཞན་ལུ་ ལགཔ་བཀལ་ནི་མི་འོང་། གལ་སྲིད་ ལྷབ་ཕྱིས་འདྲཝ་དང་། ཡང་ན། ཤོག་ཀུ་འདྲཝ་རེ་གཡོག་ བཀོལ་དགོཔ་ཐོན་སོ་པ་ཅིན། གཡོག་བཀོལ་ཞིནམ་ལས། ལགཔ་འཁྱུ། རང་གི་ ལག་པའི་སེན་མོ་ཚུ་འབད་རུང་ ཐུང་ཀུ་འབད་ བཞག་དགོ།
By Choki Dorji
ལགཔ།
10
ཆུ་སྦངམ་ད་ རྐངམ་ལེགས་ཤོམ་འབད་ དབུར་ཏེ་འཁྱུ་དགོ། རྐང་མའི་མཛུབ་ཅུང་གི་བར་ སྐམ་བཅུག་དགོ། མཛུབ་མོ་གི་ སེན་མོ་ཚུ་བཏོགས་ཏེ་ བཞག་དགོ། དུས་རྒྱུན་ལུ་ ལྷམ་བཙུགས་མི་ཚུ་གིས་ འཕྲལ་འཕྲལ་ར་ཕུད་དགོ། དེ་གིས་ ཨོམ་སོ་ནང་ལུ་རླུང་འཛུལ་ནི་ལུ་ ཕན་པ་ཡོདཔ་མ་ཚད། དྲིམ་མར་ཕབ་ རྐྱབ་ཚུགས། རབ་འབྱུང་པ་ཅིན། ཀ་བལ་གྱི་ ཨོམ་སོ་བཙུགས་དགོཔ་དང་། དེ་ཡང་། ཉིན་བསྟར་སོར་ཏེ་ བཙུགས་དགོ།
By Choki Dorji
རྐངམ།
11
ཨོམ་སོ་བཙུགསཔ་ད། སྨན་ཕྱེ་བཏབ་སྟེ་ བཙུགས། མི་མང་ཤོས་ཅིག་ར་ རྐངམ་ལས་རྔུལ་ནག་འཐོནམ་ཨིནམ་ལས། དེ་གིས་ ཨོམ་སོ་དང་ལྷམ་འབད་རུང་ མགྱོགས་པ་ར་ དྲིམ་བཏགསཔ་ཨིན། རབ་འབྱུང་པ་ཅིན། ཉིནམ་རེ་ལུ་ ལྷམ་སོར་ཏེ་བཙུགས་དགོ།
By Choki Dorji
རྐངམ།
12
པགས་ཀོ་གཙང་ཏོག་ཏོ་འབད་ བཞག་ནི་གི་དོན་ལུ། ཆུ་དང་གླང་ལེབ་འདི་ ཁག་ཆེ་དྲགས་ཨིན། ཉིནམ་རེ་ལུ་གཟུགས་ཚར་རེ། ཡང་ན། གཉིས་རེ་ ཆུ་སྦང་ནི་འདི་ ལེགས་ཤོམ་ཅིག་ཨིན། ལུས་རྩལ་འབད་མི་ཨིན་པ་ཅིན། ལུས་རྩལ་འབད་བའི་ཤུལ་ལུ་ ཆུ་རྩལ་རྐྱབ་པ་ཅིན། ལེགས་ཤོམ་ཨིན།
By Choki Dorji
པགས་ཀོ།
13
གླང་ལེབ་དང་ ཨར་ཅོ་ལྟོ་རས་གཙང་ཏོག་ཏོ་ཅིག་གིས་ འཕྱག་ནི་འདི་གལ་ཆེ། གཞན་དང་གཅིག་ཁར་ཨར་ཅོ་ལྟོ་རས་དང་ གླང་ལེབ་གཅིག་ཁར་ ལག་ལེན་འཐབ་ནི་སྤང་དགོ། ཆུ་སྦང་ཚར་བའི་ ཤུལ་ལུ། ནང་གི་ གོ་ལ་ སོར་དགོ།
By Choki Dorji
པགས་ཀོ།
14
Multiple Choice
༡. གཙང་སྦྲ་འཕྲོད་སྟེན། ཟེར་མི་འདི་ ་་་
ཀ་ རང་སྡོད་སའི་ས་གོ་ཚུ་ གཙང་ཏོག་ཏོ་འབད་བཞག་སྟེ། ན་ཚ་བཀག་ཐབས་ འབད་ནི་ལུ་ གོཝ་ཨིན།
ཁ་ རང་གི་གཟུགས་ཁམས་སྒྲིང་སྒྲིང་འབད་བཞག་ནི་དང་། འཕྲོད་སྟེན་འདི་ལུ་གོཝ་ཨིན།
ག་ ན་ཚ་བཀག་ཐབས་ འབད་ནི་ རྐྱངམ་གཅིག་ལུ་ གོཝ་ཨིན།
15
Multiple Choice
༢. མི་ངོ་རང་གིས་ གཙང་སྦྲ་འཕྲོད་སྟེན་ བསྟེན་ནི་འདི་ ་་་
ཀ་ རང་སྡོད་སའི་ས་གོ་ཚུ་ གཙང་ཏོག་ཏོ་འབད་བཞག་ནི།
ཁ་ ན་ཚ་བཀག་ཐབས་འབད་ བཞག་ནི།
ཀ་ གོམས་གཤིས་ལེགས་ཤོམ་ཅིག་འབད་ བརྩི་ནི།
16
Multiple Choice
གཙང་སྦྲ་འཕྲོད་སྟེན་ཟེར་མི་འདི་ ཚན་རིག་གི་ནང་ལུ་འབད་བ་ཅིན། ་་་
ག་
ཀ་ རང་གི་གཟུགས་ཁམས་སྒྲིང་སྒྲིང་འབད་་བཞག་ནི་དང་། འཕྲོད་སྟེན་དང་ ལྡནམ་འབད་ སྡོད་ནི་ལུ་གོཝ་ཨིན།
ཁ་ རང་སྡོད་སའི་ས་གོ་ཚུ་ གཙང་ཏོག་ཏོ་འབད་བཞག་ནི་དང་། ཕྱགསམ་འཕྱགས་སྦེ་ བཞག་ནི་ལུ་གོཝ་ཨིན།
ག དུས་རྒྱུན་དུ་ བདག་འཛིན་འབད་དགོཔ་ ཁག་ཆེ་དྲགས་ལུ་གོ་ནི་དང་། རང་གི་གཟུགས་ཁམས་སྒྲིང་སྒྲིང་ལུ་ གོཝ་ཨིན།
17
Multiple Choice
སྐྱ་འདི་ བདུན་ཕྲག་རེའི་བར་ན་ གླང་ལེབ། ཡང་ན། ཤེམ་པུ་བཏབ་སྟེ་ ཉུང་མཐའ་ལུ་ཚར་༣ འཁྱུ།
ཨིན།
མེན།
18
Multiple Choice
བདུན་ཕྲག་རེའི་ནང་ མགུ་ཤད་་ཚར་༣ ལས་༤ ཚུན་རྐྱབ།
ཨིན།
མེན།
19
Multiple Choice
མགུ་ཏོ་མ་འཁྱུ་བའི་གོང་ལས་ མགུ་ཤད་ འཁྱུ་དགོ།
ཨིན།
མེན།
20
Multiple Choice
པགས་ཀོ་ ཧིང་སངས་ས་ བཞག་ནི་གི་དོན་ལུ་ ཆུ་དང་གླང་ལེབ་ ཁག་ཆེ་དྲགས་ཨིན།
ཨིན།
མེན།
21
Multiple Choice
ཉིནམ་རེ་ལུ་གཟུགས་ཚར་རེ། ཡང་ན། གཉིས་རེ་ ཆུ་སྦང་ནི་འདི་ ལེགས་ཤོམ་ཅིག་མེན།
ཨིན།
མེན།
22
Multiple Choice
གཞན་དང་གཅིག་ཁར་ཨར་ཅོ་ལྟོ་རས་དང་ གླང་ལེབ་གཅིག་ཁར་ ལག་ལེན་འཐབ་དགོ།
ཨིན།
མེན།
23
Multiple Choice
ཆུ་སྦངས་ཚར་བའི་ ཤུལ་ལུ། ནང་གི་ གོ་ལ་ སོར་ མི་དགོ།
ཨིན།
མེན།
24
Multiple Choice
སོ་འདི་ ཉིནམ་རེར་ ཚར་གཉིས་རེ་ སོ་བཀྲུ་རྐྱབ་དགོ།
ཨིན།
མེན།
25
Multiple Choice
ནམ་རང་འབད་རུང་ བཞེས་སྒོ་ བཟའ་ཚརཝ་ཅིག་ ཁ་ ཆུ་གིས་བཤལ་དགོ།
ཨིན།
མེན།
26
Multiple Choice
ཕྱི་རུ་ མ་ཉལ་བའི་ཧེ་མར་ སོ་བཀྲུ་རྐྱབ་ནི་འདི་ གནམ་མེད་ས་མེད་ ཁག་མི་ཆེ།
ཨིན།
མེན།
27
Multiple Choice
གླང་ལེབ་བཏབ་སྟེ་ མཛུབ་མོ་དང་སེན་མོ་གི་བར་ན། ལགཔ་གི་ རྒྱབ་ཚུ་ ཆ་མཉམ་ མ་ལུས་པར་ ལེགས་ཤོམ་འབད་འཁྱུ་དགོཔ་འདི།
ཨིན།
མེན།
28
Multiple Choice
གླང་ལེབ་བཏབ་སྟེ་ མཛུབ་མོ་དང་སེན་མོ་གི་བར་ན། ལགཔ་གི་ རྒྱབ་ཚུ་ ཆ་མཉམ་ མ་ལུས་པར་ ལེགས་ཤོམ་འབད་འཁྱུ་དགོཔ་འདི།
ཨིན།
མེན།
29
Multiple Choice
པར་འདི་
མཐའ་འཁོར་གཙང་སྦྲའི་སྐོར་ལས་ ཨིན་མས།
གཟུགས་ཁམས་གཙང་སྦྲའི་སྐོར་ལས་ ཨིན་མས།
སེམས་ཁམས་གཙང་སྦྲའི་སྐོར་ལས་ ཨིན་མས།
30
Multiple Choice
པར་འདི་
མཐའ་འཁོར་གཙང་སྦྲའི་སྐོར་ལས་ ཨིན་མས།
གཟུགས་ཁམས་གཙང་སྦྲའི་སྐོར་ལས་ ཨིན་མས།
སེམས་ཁམས་གཙང་སྦྲའི་སྐོར་ལས་ ཨིན་མས།
31
By Choki Dorji
Show answer
Auto Play
Slide 1 / 31
SLIDE
Similar Resources on Wayground
10 questions
རྫོང་ཁ།
Presentation
•
6th Grade
11 questions
Dzo quize
Presentation
•
6th Grade
18 questions
Dzongkha Quiz Final
Presentation
•
7th Grade
6 questions
Quizizz
Presentation
•
2nd Grade
14 questions
Dzo quiz
Presentation
•
4th Grade
14 questions
dzongkha quiz ང་དང་ངེའི་ཆ་རོགས།
Presentation
•
4th Grade
10 questions
བྱི་ལི་སྦྱེག་ཁོ།
Presentation
•
2nd Grade
13 questions
Dzongkha quixe
Presentation
•
5th Grade
Popular Resources on Wayground
10 questions
Safety Day 2026 – Student Review
Quiz
•
9th Grade
21 questions
Continents and Oceans
Quiz
•
6th Grade
20 questions
Parts of Speech
Quiz
•
5th Grade
16 questions
Subject & Predicate
Quiz
•
5th Grade
25 questions
Multiplication Facts
Quiz
•
5th Grade
12 questions
Map Skills
Quiz
•
3rd Grade
22 questions
Continents and Oceans
Quiz
•
5th Grade
15 questions
Rounding Decimals
Quiz
•
5th Grade